文章目錄
Toggle駁他宗
ཁ་ཅིག་ན་རེ། མི་རྟག་པ་ཡིན་ན། ཤེས་བྱ་ཡིན་པས་ཁྱབ་པར་ཐལ། སྐད་ཅིག་མ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་རྟགས་ལ་རྟགས་མ་གྲུབ་ཀྱི་ལན་འདེབས་མི་རིགས་ཟེར་ན། སྐད་ཅིག་མ་མ་ཡིན་པར་ཐལ། རྟག་པ་ཡིན་པའི་ཕྱིར། མ་གྲུབ་ན། རྟག་པ་ཡིན་པར་ཐལ། ཡོད་པ་གང་ཞིག དངོས་པོ་མ་ཡིན་པའི་ཕྱིར།
有人說:「針對『理應若是無常,皆周遍是所知,因為是剎那性故』如此描述的應成論式,不應回答『因不成』」。則理應不是剎那性,因為是常之故。若不成,理應是常,因為諸凡是存在,且不是事物之故。
རྟགས་གཉིས་པ་མ་གྲུབ་ན། རང་རྒྱུ་ལས་སྐྱེས་པ་ཡིན་པར་ཐལ། དངོས་པོ་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། ཁྱོད་ཀྱི་རྒྱུ་མེད་ན་ཁྱོད་མེད་དགོས་པར་ཐལ། རང་རྒྱུ་ལས་སྐྱེས་པ་ཡིན་པའི་ཕྱིར། འདོད་ན། རྟག་པ་ཆོས་ཅན། ཁྱོད་མེད་པར་ཐལ། ཁྱོད་ཀྱི་རྒྱུ་མེད་པའི་ཕྱིར། རྩ་བར་འདོད་པ་ཡིན་ནོ།
若第二因不成,理應是從自因所出生,因為是事物之故,因已許。若承許,理應是若無你的因,則你亦須無,因為是從自因所出生故。若承許,常有法,理應你不存在,因為無你的因故。承許根本宗。
立自宗
དེས་ན་རང་གི་ལུགས་ལ། ཁ་ཅིག་གིས། བུམ་པ་ཆོས་ཅན། ཤེས་བྱ་ཡིན་པར་ཐལ། མི་རྟག་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་རྟགས་ལ་ཁྱབ་པ་མ་བྱུང་གི་ལན་འདེབས་ན། མི་རྟག་པ་ཡིན་ན། ཤེས་བྱ་ཡིན་པས་ཁྱབ་པར་ཐལ། མི་རྟག་པ་ཡིན་ན་བློའི་ཡུལ་དུ་བྱ་རུང་བ་ཡིན་པས་ཁྱབ་པའི་ཕྱིར། མ་གྲུབ་ན། མི་རྟག་པ་ཡིན་ན། བློའི་ཡུལ་དུ་བྱ་རུང་བ་ཡིན་པས་ཁྱབ་པར་ཐལ། མི་རྟག་པ་ཡིན་ན་རྣམ་མཁྱེན་གྱི་ཡུལ་དུ་བྱ་རུང་བ་ཡིན་པས་ཁྱབ་པའི་ཕྱིར།
故於自宗,若有人針對「瓶有法,理應是所知,因為是無常故。」如此描述的應成論式回答「不周遍」。則理應若是無常,皆周遍是所知,因為若是無常,皆周遍是堪為心之境故。若不成,理應若是無常,皆周遍是堪為心之境,因為若是無常,皆周遍是堪為遍智之境故。
མ་ཁྱབ་ན། རྣམ་མཁྱེན་གྱི་ཡུལ་དུ་བྱ་རུང་བ་ཡིན་ན། བློའི་ཡུལ་དུ་བྱ་རུང་བ་ཡིན་པས་ཁྱབ་པར་ཐལ། རྣམ་མཁྱེན་ཡིན་ན་བློ་ཡིན་པས་ཁྱབ་པའི་ཕྱིར། གོང་དུ་མ་ཁྱབ་ན། བློའི་ཡུལ་དུ་བྱ་རུང་བ་ཡིན་ན། ཤེས་བྱ་ཡིན་པས་ཁྱབ་པར་ཐལ། བློའི་ཡུལ་དུ་བྱ་རུང་བ་ཤེས་བྱའི་མཚན་ཉིད་ཡིན་པའི་ཕྱིར་ཏེ། མཚན་མཚོན་ཁྱབ་པ་སྒོ་བརྒྱད་དང་བཅས་པའི་ཕྱིར།
若不遍,理應若是堪為遍智之境,皆周遍是堪為心之境,因為若是遍智,皆周遍是心之故。若前段改答不遍,理應若是堪為心之境,皆周遍是所知,因為堪為心之境是所知的性相故,性相名相具有八周遍故。
ཚུལ་ཁྲིམས་མཐའ་བྲལ་གྱིས་བརྩམས་པའོ། །
促稱它哲僅撰

