藏文口語過去動詞語尾比較

過去式語尾分類

藏文過去式語尾可略分為三種,པ་རེད།,འདུག 和 སོང་།。

བོད་པའི་ཁ་སྐད་ལ་དུས་འདས་པའི་བཤད་སྟངས་རགས་ཙམ་གསུམ་ཡོད། བྱས་པ་རེད་དང་། བྱས་འདུག བྱས་སོང་ཞེས་བཅས།

三種語尾之語意分別為:

  1. པ་རེད། 陳述既定事實或一般過去時動作。
  2. འདུག  專指僅知道動作結果,不知動作過程(不可用於自稱)。
  3. སོང་། 又可分為他稱用法和自稱用法:其中初者,表示他人與己相關之動作,有親見、親聞之意。而自稱用法專用於表達感受或不自主的動作。

དེ་གསུམ་ཀའི་དབྱེ་བ་ནི། བྱས་པ་རེད་ཅེས་ལབ་དུས། དོན་དངོས་དང་དུས་འདས་པའི་བྱ་བ་ཕལ་ཆེར་བརྗོད་པ། བྱས་འདུག་ཅེས་ལབ་དུས། བྱ་བའི་མཐའ་འབྲས་ཙམ་ཤེས་ནས་བྱ་རིམ་མ་ཤེས་ཏེ་རང་ངོས་ལ་འཇུག་མི་ཆོག བྱས་སོང་ཞེས་ལབ་དུས། སླར་ཡང་གཞན་ངོས་དང་རང་ངོས་ཀྱི་དབྱེ་བ་གཉིས་ཡོད། དང་པོ་ནི་གཞན་གྱིས་བྱེད་པའི་བྱ་བ་དེ་རང་ཉིད་དང་དངོས་སུ་འབྲེལ་བ་སྟོན་ཏེ། དངོས་སུ་མཐོང་བ་དང་གོ་བའི་དོན་ཡིན། དེ་ནས་རང་ངོས་ཀྱི་འཇུག་ཚུལ་ནི། རང་ཉིད་ཀྱི་སེམས་ཚོར་དང་གཞན་དབང་ཅན་གྱི་བྱ་བ་བརྗོད་དོ། །

實例探討

以昨天所見電視內容為例

劇中樵夫每天早上都會砍柴,此處陳述既定事實,故用 པ་རེད།。

劇中樵夫家旁邊有砍好的木柴,故說樵夫砍柴。此處僅見動作結果故用 འདུག。

劇中樵夫正在砍柴。此時可以說樵夫當時正在砍柴(現在式),同時因為看到整個過程,故也可用過去式 སོང་།。

ཁ་སང་བརྙན་འཕྲིན་གྱི་ལྟད་མོ་གཞི་ལ་བཞག་ནས་འགྲེལ་བཤད་བརྒྱག་ན།

དེའི་ནང་དུ་ཤིང་མཁན་གྱིས་ནམ་རྒྱུན་ཞོགས་པ་ལ་ཐང་ཤིང་བཅད་པ་ན། ཤིང་མཁན་གྱིས་ཐང་ཤིང་བཅད་པ་རེད་ཅེས་ལབ་དགོས་རེད། གལ་ཏེ་ཤིང་མཁན་གྱི་ཁང་པའི་འགྲམ་དུ་བཅད་ཚར་བའི་ཐང་ཤིང་ཙམ་མཐོང་ན། ཤིང་མཁན་གྱིས་ཐང་ཤིང་བཅད་འདུག་ཅེས་ལབ་དགོས་རེད། གལ་སྲིད་ལྟད་མོ་བལྟས་པའི་སྐབས་སུ་ཤིང་མཁན་གྱིས་ཐང་ཤིང་གཅོད་བཞིན་པ་ན། དུས་ད་ལྟ་བའི་བཤད་སྟངས་ནི། དེ་དུས་ཤིང་མཁན་གྱིས་ཐང་ཤིང་གཅོད་ཀྱི་འདུག ཡང་ན་དུས་འདས་པའི་བཤད་སྟངས་ཏེ། ཤིང་མཁན་གྱིས་ཐང་ཤིང་བཅད་སོང་ཞེས་བཤད་དོ། །

細究自稱的過去式用法,若動作為不自主,則 པ་རེད། 和 སོང་། 皆可使用但語意略有不同。若使用 པ་རེད། 則有此動作為有意為之之意,使用 སོང་། 則為偶然發生之意。

རང་ངོས་ཀྱི་དུས་འདས་པའི་འཇུག་ཚུལ་ཞིབ་ཏུ་ལྟ་ན། གཞན་དབང་ཅན་གྱི་བྱ་བ་ཡིན་པའི་ཕྱིར། བྱས་པ་རེད་དང་བྱས་སོང་ཞེས་པ་དེ་གང་འཇུག་ནའང་ཆོག་གི་རེད། འོན་ཀྱང་དོན་དག་ཏོག་ཙམ་གཅིག་པ་མ་རེད། བྱས་པ་རེད་ཅེས་འཇུག་ན། བྱ་བ་འདི་བསམ་བཞིན་དུ་བྱེད་པའི་དོན་ཡིན། བྱས་སོང་ཞེས་འཇུག་ན། སྟབས་ལེགས་པར་འབྱུང་བའི་དོན་ནོ། །

以 མཐོང་། 為例

昨天為看某物而去某地,而確實在那裏看見某物,此時應用 མཐོང་བ་རེད།。

若僅在某地碰巧看見某物,事前無特意為之,則此時應用 མཐོང་སོང་།。

མཐོང་གཞི་ལ་བཞག་ནས་འགྲེལ་བཤད་བརྒྱག་ན།

ཁ་སང་ཅ་ལག་ཅིག་མཐོང་བའི་ཆེད་དུ་ས་ཆ་ཞིག་ཏུ་ཕྱིན་ནས་དེར་དངོས་སུ་མཐོང་ན། མཐོང་བ་རེད་ཅེས་བེད་སྤྱོད་བཏང་དགོས་རེད། གལ་ཏེ་ས་ཆ་ཞིག་ཏུ་ཅ་ལག་ཅིག་སྟབས་ལེགས་པར་མཐོང་ནས་དེ་སྔོན་ལ་བསམ་བཞིན་དུ་བྱེད་མེད་ན། མཐོང་སོང་ཞེས་བེད་སྤྱོད་བཏང་དགོས་སོ། །

在〈藏文口語過去動詞語尾比較〉中有 2 則留言

發佈留言

發佈留言必須填寫的電子郵件地址不會公開。 必填欄位標示為 *

返回頂端